- Lyrics
- Album list
索南多傑
-
年邁的父親
Lyricist:索南多傑 Composer:索南多傑
རྟ་འདོ་བ་ཞོན་ནོ་ཕ་ལོ་རེད།། བོའུ་རྭ་རིང་འཁུར་ནོ་ཕ་ལོ་རེད།། དགོ་འཕོང་དཀར་གསོད་ནོ་ཕ་ལོ་རེད།། ཕ་དྲིན་ཆེན་རྫ་ཁའི་རྔོན་པ་རེད།། ལས་སྡིག་པ་དགའ་ནི་མ་རེད་ར།། བུ་བུ་མོའི་ཁ་དོན་ལྟོ་དོན་རེད།། དྲིན་ཕ་ལོའི་གཏམ་རྒྱུད་གོ་དུས་ན།། མིག་མཆི་མ་མི་འཆོར་རང་འཆོར་རེད།། དྲིན་ཕ་ལོའི་གཏམ་རྒྱུད་གོ་དུས་ན།། མིག་མཆི་མ་མི་འཆོར་རང་འཆོར་རེད།། དྲིན་ཕ་ལོའི་གཏམ་རྒྱུད་གོ་དུས་ན།། མིག་མཆི་མ་མི་འཆོར་རང་འཆོར་རེད།། དུས་ད་སྐབས་ཕ་ལོ་རྒས་སོང་ཟིག། Find more lyrics at ※ Mojim.com མགོ་སྐྲ་དཀར་ལུག་ཆུང་ཚ་རུ་རེད།། བུ་བུ་མོ་བསམ་དོན་འགྲུབ་རྒྱུ་ཚོ།། དྲིན་ཤེས་ན་དེ་རིང་ནངས་ཀ་རེད།། ཕ་ཡོད་དུས་ཁ་འཇམ་ཚིག་འཇམ་བྱོས།། བུད་སོང་ན་ཆོས་འདོན་དགེ་བསྒྲུབ་བྱོས།། འགྱོད་མཆི་མ་ལྕག་གི་ཆར་བ་རེད།། ཚེ་འདི་ནས་གཅེས་ན་གཅེས་ནི་ཡིན།། འགྱོད་མཆི་མ་ལྕག་གི་ཆར་བ་རེད།། ཚེ་འདི་ནས་གཅེས་ན་གཅེས་ནི་ཡིན།། འགྱོད་མཆི་མ་ལྕག་གི་ཆར་བ་རེད།། ཚེ་འདི་ནས་གཅེས་ན་གཅེས་ནི་ཡིན།། འགྱོད་མཆི་མ་ལྕག་གི་ཆར་བ་རེད།། ཚེ་འདི་ནས་གཅེས་ན་གཅེས་ནི་ཡིན།།
-
|